fbpx

ང་བཅས་ཀྱིས་ གནས་ཚུལ་ག་ཅི་ར་ བསྡུ་ལེན་འབདཝ་སྨོ?

ནདཔ་འདི་ མེཤ་ལྷོད་ལམ་དང་ཐབས་ཤེས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ འོང་ལུ་བཀོད་པའི་སྒེར་འབྲེལ་གྱི་གནས་སྡུད་ཚུ་ བསྡུཝ་ཨིན།

  • ཁྱོད་རའི་མིང་།
  • ཁྱོད་ཀྱི་ཕོ་མོའི་དབྱེ་བ།
  • ཁྱོད་ཀྱི་སྐྱེས་བའི་སྤྱི་ཚེས།
  • ཁྱོད་ཀྱི་བརྒྱུད་འཕྲིན་ཨང་།
  • ཁྱོད་ཀྱི་གློག་འཕྲིན་ཁ་བྱང་།
  • ཁྱོད་རའི་འབྲེལ་མཐུན་ཁ་བྱང་།
  • ཁྱོད་ར་སྨན་ཁང་དང་དྲུང་འཚོ་ག་ལས་སྨན་བཅོས་ལེནམ་ཨིན་ན།
  • ཁྱོད་རའི་འོང་འབབ་དང་ དངུལ་འབྲེལ་གྱི་གནས་ཚད། ༼འཇུག་རུང་བ་ཨིན་པ་ཅིན༽
  • ཁྱོད་ཀྱི་གཅེས་སྐྱོང་པའི་འབྲེལ་འཐབ་སའི་ཁ་བྱང་།༼འཇུག་རུང་བ་ཨིན་པ་ཅིན༽

༼དོན་ཆེད་ལུ་ ཁྱོད་རའི་སྒེར་འབྲེལ་གྱི་གནས་སྡུད་ཨིན༽

ང་བཅས་ཀྱིས་ རྒྱབ་སྐྱོར་དང་ གཅེས་སྐྱོང་གང་དྲག་བྱིན་ཐབས་ལུ་ འོག་ལུ་ བཀོད་ཡོད་པའི་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ཡང་ བསྡུ་ལེན་འབད་ནི་ཨིན།

  • ཁྱོད་ཀྱི་ནད་གཞི་ངོས་བཟུང་བའི་བརྟག་དཔྱད།
  • ཁྱོད་ཀྱི་ནད་བརྟག་གི་སྤྱི་ཚེས།
  • ཁྱོད་ཀྱིས་ ལེན་མི་སྨན་བཅོས།
  • ཁྱོད་རའི་ པི་སི་ཨཱར་ ནད་བརྟག་གི་གྲུབ་འབྲས། (འཇུག་རུང་བ་ཅིན།)

༼དོན་ཆེད་ལུ་ཁྱོད་རའི་ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཨིན༽

ང་བཅས་ཀྱིས་ ག་དེ་སྦེ་དང་ ག་ཅི་སྦེ་ ཁྱོད་ཀྱི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ བསྡུ་ལེན་འབདཝ་ཨིན་ན?

ཁྱོད་ཀྱིས་ མེཤ་ལྷོད་ལམ་དང་ཐབས་ཤེས་ཀྱི་ལས་རིམ་ནང་ལུ་ བཅའ་མར་གཏོགས་ནིའི་དོན་ལུ་ ཞུ་བ་འབདཝ་ད་རྐྱངམ་ཅིག་ ང་བཅས་ཀྱིས་ ཐད་ཀར་དུ་ ཁྱོད་ལས་དང་ ཁྱོད་རའི་ནད་གཡོགཔ་དང་ ཡང་ན་ ཁྱོད་ཀྱི་དྲུང་འཚོ་ལས་ སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ བསྡུ་ལེན་འབདཝ་ཨིན་ན ? ང་བཅས་ཀྱིས་ ཁྱོད་ཀྱི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ བསྡུ་ལེན་འབད་དགོ་པའི་དགོས་པ་དེ་ཡང་ :

  • ཁྱོད་ ངོས་འཛིན་འབད་ནི་དོན་ལུ།
  • ཁྱོད་དང་གཅིག་ཁར་ འབྲེལ་བ་འཐབ་ནིའི་དོན་ལུ།
  • ཁྱོད་ལུ་ ནད་པའི་རྒྱབ་སྐྱོར་དང་ གཅེས་སྐྱོང་བྱིན་ནི་དོན་ལུ།
  • ཁྱོད་ཀྱི་ནད་གཞི་དང་ སྨན་བཅོས་ཀྱི་སྐོར་ལས་གནས་ཚུལ་བྱིན་ནི་དོན་ལུ་།
  • ང་བཅས་ཀྱི་འགན་ཁུར་ཚུ་ཁྲིམས་ལུགས་ག་ར་དང་གཅིག་ཁར་གནས་ཚུགས་ནིའི་དོན་ལུ།
  • ལས་རིམ་འདི་གི་བདག་སྐྱོང་དང་འཛིན་སྐྱོང་འབད་དགོ་པའི་གནད་དོན་གཞན་དང་འབྲེལ་ཡོད་པའི་རྒྱུ་མཚན་ལུ།

༼དོན་ཆེད་ལུ་ དགོས་པ། ༽ 

ང་བཅས་ཀྱིས་ སྙན་ཞུ་གསལ་བསྒྲགས་འབད་བའི་སྐབས་ལུ་ ཁྱོད་ཀྱི་གནས་སྡུད་ཚུ་ སྤྱིར་བསྡོམས་དང་ ངོ་ཕྱེ་མ་ཚུགསཔ་སྦེ་ འབད་ནི་ཨིན། དེ་འབདཝ་ལས་ ཁྱོད་ ངོས་འཛིན་འབད་ཚུགས་པའི་གནས་སྡུད་ ༼ཁྱོད་རའི་མིང་། སྐྱེས་བའི་ཚེས་གྲངས དང་ ཁ་བྱང་།༽ ཚུ་བཏོན་གཏང་མི་འདི་གིས་ མི་ག་གིས་ཡང་ ཁྱོད་ཀྱི་གནས་སྡུད་ཚུ་ ཁྱོད་ཀྱི་ཨིནམ་སྦེ་ ཤེས་མི་ཚུགས།   

ང་བཅས་ཀྱིས་ ཁྱོད་ཀྱི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ ག་ལུ་ མ་གསང་བར་སླབ་ནི་ཨིན་ན ?

ང་བཅས་ཀྱིས་ཁྱོད་ཀྱི་སྒེར་འབྲེལ་གྱི་གནས་སྡུད་དང་ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་

  • མེཤ་གཞི་ཚོགས་ཀྱི་ས་ཁོངས་ནང་འཁོད་དང་
  • ཁྲིམས་དང་འཁྲིལ་ ཁྲིམས་དོན་གྱི་ལས་སྡེ་ཡང་ན་ གཞུང་གྱི་ལས་སྡེ་ཚུ་ལུ་ སླབ་དགོཔ་རེ་འཐོན་པ་ཅིན་ སླབ་སྲིད།

ཁྱོད་ཀྱི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ ཨེ་མེ་རི་ཀ་ལུ་ཡོད་པའི་ ཉེན་སྲུང་དང་ལྡན་པའི ཡོངས་འབྲེལ་གྱི་གནས་སྡུད་གཞི་མཛོད་ནང་ བསྲུང་བཞགཔ་ཨིན།

ང་བཅས་ཀྱིས་ ཁྱོད་ཀྱི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ ཁྱོད་ལས་ གནང་བ་མེད་པར་ རྩ་ཕན་གཞན་ག་ལུ་ཡང་ མི་སླབ། ང་བཅས་ཀྱིས་ཡང་ ཁྱོད་ཀྱི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བསྲུང་བཞག་ནི་ཨིན།

ཁྱོད་ཀྱིས་ ཁྱོད་རའི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ བསྡུ་ལེན་འབད་ཆོག་པའི་ གནང་བ་མ་བྱིན་མི་ལས་བརྟེན་ གནོད་པ་གཅི་ར་ འབྱུང་ནི་ཨིན་ན ?

ཁྱོད་ཀྱིས་ སྒེར་འབྲེལ་གྱི་གནས་སྡུད་ཁྱབ་བསྒྲགས་ཀྱི་འོག་ལུ་ ཁྱོད་རའི་སྒེར་འབྲེལ་གྱི་གནས་སྡུད་དང་ ཚོར་ཤུགས་ཅན་གྱི་སྒེར་འབྲེལ་གནས་སྡུད་ཚུ་ བསྡུ་ལེན་འབད་ཆོག་པའི་གནང་བ་མ་བྱིན་པ་ཅིན་ ཁྱོད་ར་ མེཤ་གཞི་ཚོགས་ཀྱི་ལས་རིམ་ནང་ལུ་ བཅའ་མར་གཏོགས་མི་ཚུགས།

ཁྱོད་ཀྱི་ གནས་སྡུད་ཉེན་སྲུང་གི་ ཐོབ་དབང་།

གནས་སྡུད་ཉེན་སྲུང་གི་ ཐོབ་དབང་ནང་ལུ་ ཁྱོད་ལུ་ འོག་ལུ་བཀོད་ཡོད་མིའི་ ཐོབ་དབང་ཚུ་ཡོདཔ་ཨིན།

  • ཁྱོད་ལུ་ བརྡ་སྤྲོད་འབད་དགོ་པའི་ཐོབ་དབང་།ཁྱོད་ལུ་ གནས་སྡུད་ག་ཅི་བཟུམ་ར་ བསྡུ་ལེན་འབད་ནི་ཨིན་ན་དང་ ག་དེ་སྦེ་ར་ ལག་ལེན་འཐབ་ནི་ཨིན་ན། དེ་ལས་ ནམ་ཚུན་ཚོད་ལག་ལེན་འཐབ་ནི་ཨིན་ན་དང་ རྩ་ཕན་གཞན་ལུ་ སླབ་ནི་ཨིན་ན་མེན་ན་ཚུ་གི་སྐོར་ལས་ བརྡ་སྤྲོད་འབད་དགོ་པའི་ཐོབ་དབང་ཡོད།
  • ཁྱོད་ཀྱི་ འདྲ་ཡིག་ ལེན་ནིའི་ཐོབ་དབང་།ཁྱོད་ལུ་ཁྱོད་རའི་སྒེར་འབྲེལ་གནས་ཚུལ་གྱི་འདྲ་ཡིག་དགོ་པའི་ཞུ་བ་འབད་ནིའི་ཐོབ་དབང་ཡོད།
  • ཁྱོད་ཀྱི་ དག་བཅོས་འབད་ཆོག་པའི་ཐོབ་དབང་།ཁྱོད་ཀྱིས་ ང་བཅས་ལུ་ གནས་ཚུལ་ཚུ་ འཛོལ་བ་ཡང་ན་ མ་ཚངམ་སྦེ་ཡོད་པ་ཅིན་ དག་བཅོས་(ལེགས་བཅོས)འབད་དགོཔ་སྦེ་སླབ་ནིའི་ཐོབ་དབང་ཡོད།
  • ཁྱོད་ལུ་ གནས་ཚུལ་མེདཔ་བཟོ་ནིའི་ཐོབ་དབང་།གནས་སྟངས་ལ་ལུ་ཅིག་ནང་ཁྱོད་ཀྱིས་ང་བཅས་ལུ་ཁྱོད་རའི་སྒེར་འབྲེལ་གྱི་གནས་ཚུལ་འདི་མེདཔ་སྦེ་བཟོ་གནང་ཟེར་སླབ་ནིའི་ཐོབ་དབང་ཡོད།
  • ཁྱོད་ལུ་ གནས་སྡུད་བསྡུ་ལེན་འབད་ནི་ལུ་ བཀག་དམ་འབད་ནིའི་ཐོབ་དབང་།གནས་སྟངས་ལ་ལུ་ཅིག་ནང་ ཁྱོད་ཀྱིས་ ང་བཅས་ལུ་ གནས་སྡུད་བསྡུ་ལེན་འབད་ནི་ལས་འཛེམ་དགོཔ་སྦེ་ སླབ་ནིའི་ཐོབ་དབང་ཡོད། 
  • ཁྱོད་ལུ་ གནས་སྡུད་བསྡུ་ལེན་འབད་ནི་ལུ་ བཀག་རྐྱབ་ནིའི་ཐོབ་དབང་། གནས་སྟངས་ལ་ལུ་ཅིག་ནང་ཁྱོད་ཀྱིས་ང་བཅས་ལུ་སྒེར་འབྲེལ་གནས་སྡུད་བསྡུ་ལེན་འབད་ནི་ལུ་བཀག་རྐྱབ་ནིའི་ཐོབ་དབང་ཡོད།
  • ཁྱོད་ལུ་ གནས་སྡུད་བྱིན་དགོཔ་སྦེ་སླབ་ནིའི་ཐོབ་དབང་། གནས་སྟངས་ལ་ལུ་ཅིག་ནང་ ཁྱོད་ཀྱིས་ ང་བཅས་ལུ་ གནས་སྡུད་ཚུ་ ལས་སྡེ་གཞན་ལུ་དང་ ཡང་ན་ ཁྱོད་ལུ་ བྱིན་དགོཔ་སྦེ་ སླབ་ནིའི་ཐོབ་དབང་ཡོད།
  • ཁྱོད་ལུ་ ཁས་བླངས་ལས་འགལ་བའི་སྐོར་ ཤེས་ནིའི་ཐོབ་དབང་། ཁྱོད་ལུ་ཁྱོད་ཀྱི་གསོ་བའི་གནས་ཚུལ་གྱི་སྐོར་ལས་ཁས་བླངས་ལས་འགལ་སོང་བ་ཅིན་ཁྱོད་ལུ་སླབ་དགོ་པའི་ཐོབ་དབང་ཡོད།

ཁྱོད་རའི་ཐོབ་དབང་ཚུ་ སྤྱོད་ནིའི་དོན་ལུ་ གླ་ཆ་ག་ནི་ཡང་ སྤྲོད་མིན་དགོ། ཁྱོད་ཀྱིས་ ཞུ་བ་འབད་བ་ཅིན་ ཁྱོད་ལུ་ ལན་སླབ་ནིའི་དོན་ ང་བཅས་ལུ་ ཟླཝ་གཅིག་ཡོད།

གལ་སྲིད་ ཞུ་བ་འབད་ནིའི་རེ་འདོད་ཡོད་པ་ཅིན་ འོག་ལུ་ བཀོད་ཡོད་པའི་ཁ་བྱང་དང་གཅིག་ཁར་ འབྲེལ་བ་འཐབ་གནང་།

མེཤ་གཞི་ཚོགས།
1448 NW Market St.
Suite 500
Seattle, WA 98107
+1 (206) 778-8660
+1 (206) 778-8660
info@themaxfoundation.org

Provide access to treatment every month, year-round

Chronic cancers require monthly treatment and frequent diagnostic tests, sometimes indefinitely. That’s why monthly giving is so impactful at The Max Foundation.

For just $10/month, you can help ensure people receive uninterrupted care and support for as long as they need. Join the Champions Circle of global givers today and receive an exclusive welcome gift upon sign up!

Give Monthly

This will close in 0 seconds